06/03/2026 0

གལ་ཆེའི་གསལ་བསྒྲགས།

༄༅། །ཕྱི་ལོ་༢༠༢༥ལོ་དང་༢༠༢༦ལོར་༧གོང་ས་བཅུ་བཞི་བ་ཆེན་པོའི་སྐུ་ཡི་གཅེན་པོ་རྒྱལ་ལོ་དོན་གྲུབ་དང་གཅུང་པོ་མངའ་རིས་རིན་པོ་ཆེ་བསྟན་འཛིན་ཆོས་རྒྱལ་རྣམ་གཉིས་སྔ་རྗེས་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་འདི་ག་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་ནས་མྱ་ངན་དང་བསྔོ་སྨོན་ཞུ་རྒྱུ་ཡིན།འདི་ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུའི་གོ་སྟོན་ནས་བཟུང་ལོ་འཁོར་མོར་བྱམས་བརྩེའི་ལོ་སྲུང་བརྩི་ཞུ་རྒྱུའི་གསལ་བསྒྲགས་དང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་ཚེ་བསྐལ་བརྒྱར་བརྟན་ཆེད་མ་ཟད་ སྐུའི་གཅུང་པོ་མངའ་རིས་རིན་པོ་ཆེ་སྐུ་ཚེ་མྱ་ངན་ལས་འདས་པའི་ཉིན་༢༨དུས་ཚོད་དང་བསྟུན། ༢༠༢༦ལོ་ཟླ་བ་༣ཚེས་༡༠ཉིན་དད་ལྡན་མང་ཚོགས་དང་གཞུང་འབྲེལ་མིན་པའི་ཚོགས་པ་བཅད་ལ་འབོད་སྐུལ་ཞུ་རྒྱུར།འདི་ཉིན་ཉེ་འདབས་དགོན་པ་ཁག་ཡང་ན་རང་ཁྱིམ་དུ་རིན་པོ་ཆེ་དམ་པ་དེ་ཉིད་ཀྱི་སླད་དུ་མཆོད་འབུལ་སྨོན་ལམ་གནང་རྒྱུ་དང་ཁྲོམ་བསྐོར་འདུ་མཛོམས་ལས་རིམ་གང་ཡང་གནང་རྒྱུ་མིན་པར་གདུང་སེམས་མཉམ་སྐྱེད་བ་ཡོང་བའི་འབོད་སྐུལ་ཞུ།འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་ནས།ཕྱི་ལོ་༢༠༢༦ ཟླ་བ་…