༄༅། །མཚུངས་མེད་བཀའ་བློན་ལས་ཁུངས་ཁག་གི་དྲུང་ཆེ་ལྷན་རྒྱས་ལ།
ཆེད་ཞུ་
༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༠༢ ཚེས་ ༡༧ ཉིན་གྱི་ཕྱི་དྲོ་༸སྐུའི་གཅུང་པོ་མངའ་རིས་རིན་པོ་ཆེ་བསྟན་འཛིན་ཆོས་རྒྱལ་མཆོག་དང་༢༠༢༥ལོར་སྐུ་ཡི་གཅེན་པོ་རྒྱལ་ལོ་དོན་གྲུབ་གཉིས་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པ་དང་བོད་མིའི་སྒྲིག་འཛུགས་བཀའ་ཤག་ནས་བློ་ཕམ་ཐོག་མྱ་ངན་གུས་འདུད་ཞུས་པ་དང་སྦྲགས། བོད་མིའི་ལོ་རྒྱུད་ཐོག་རླབས་ཆེན་མི་སྣ་རྣམ་ཉིད་ནས་སྐུ་ཚེ་ཧྲིལ་པོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དབུ་འོག་དཔུང་འདེགས་ཞུས་ཤིང་། བོད་བསྟན་སྲིད་དང་མི་རིགས་ལ་སྲི་ཞུ་མཐར་འཁྱོངས་བསྒྲུབས་པར་བཀའ་དྲིན་རྗེས་དྲན་དང་། དམ་པ་གང་ཉིད་ཀྱི་ཐུགས་ཀྱི་བཞེད་དགོངས་ཟབ་མོ་ཡོངས་སུ་རྫོགས་ཏེ་སླར་ཡང་བསྟན་འགྲོའི་དོན་དུ་ཡང་སྲིད་མྱུར་དུ་འབྱོན་པའི་སྨོན་ལམ་གསོལ་འདེབས་ཞུ་ཕྱིར་ཕྱི་ལོ་ ༢༠༢༦ ཟླ་བ་ ༠༣ཚེས་ ༡༠ཉིན་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་མཛད་སྒོ་ཚོགས་རྒྱུ་མིན་པ་གསལ་བསྒྲགས་ཞུ་རྒྱུ་ཡིན།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་། ཐུགས་ཀྱི་བཞེད་དོན་མཐའ་དག་ལྷུན་གྱིས་འགྲུབ་པ་དང། བོད་མི་གཞིས་བྱེས་མཉམ་འཛོམས་ཀྱི་ཉིན་མོ་མྱུར་དུ་འཆར་བའི་སྨོན་ལམ་བཅས། བཀའ་དྲུང་ཡིག་ཚང་ནས་ཕྱི་ལོ་༢༠༢༦ཟླ་༣་ཚེས་༣ལ།།

